2017/08/29 堪千 慈囊仁波切 拜見 尊貴的噶千仁波切 於噶千禪修園區

དེ་རིང་སེམས་དཔའ་ཆེན་པོ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཇལ།   གདམས་ངག་དང་འབྲེལ་བའི་བཀའ་མོལ་མང་པོ་བྱུང་།   ཁོང་གི་ཉམས་ལེན་གྱི་མཐིལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཕྱག་རྫོགས་ལ་གནང་བ་དང་།  སེམས་ཅན་རེའི་སེམས་པ་དགའ་བའི་ཕན་རེ་ཐོགས་ན་དེ་ལས་ཁོང་ལ་ཐུགས་དགའ་བ་གཞན་མེད་པར་གསུངས།    རྒྱལ་བལ་སོགས་ལ་དགོན་པ་རེ་དགོས་པར་ཞུ་མཁན་འདུག་ཀྱང་ཁོང་གིས་ད་ལྟ་ངེད་ཚོ་ལ་དགོན་པ་མང་སྐྱོན་མེད་ན་མ་གཏོགས་ཉུང་སྐྱོན་མི་འདུག   དེའི་ཕྱིར་དམ་ཆོས་མ་དར་བའི་ས་ཕྱོགས་མི་རེ་ཆོས་ལ་འཛུད་ནས་སངས་རྒྱས་བསྟན་པ་སྤེལ་ཐུབ་ན་དེ་དགེ་མཚན་ཆེ་བར་གཟིགས་པ་སོགས་ཡིད་འཁུལ་བའི་ཞལ་གསུངས་མང་པོ་གནང་།  ཁོང་གི་ཚིག་གསུམ་གནད་བརྡེག་དེབ་རྒྱ་ཡིག་སྟེང་ལ་བཞུགས་པ་ཞིག་གནང་བ་དང་།  ཁོང་ལ་སྔོན་ལྟ་བའི་ངོ་འཕྲོད་པ་ཙམ་ཡོད་ཀྱང་ངེས་པ་འདྲོངས་ནས་ཐག་ཆོད་པ་མཁན་པོ་མུན་སེལ་རིན་པོ་ཆེའི་མདུན་ཡིན་པར་གསུངས།   
ངས་ཀྱང་སྐུ་མལ་གསོ་བ་དང་སྐུ་ཡི་འཕྲོད་བསྟེན་གལ་ཆེན་དང་སྐུ་ཚེ་ཞབས་པད་བརྟེན་པའི་གསོལ་འདེབས་ཞུས

fb_img_1504024343138.jpg
fb_img_1504024345776.jpg
fb_img_1504024348174.jpg
fb_img_1504024412105.jpg